[547A]༄༅། །ཆོས་སྡེ་ཆེན་པོ་དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་གི་སྨོན་ལམ་ཆེན་མོའི་བཅའ་ཡིག་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། [548A] །ཨོཾ་སྭ་སྟི། རྒྱལ་བའི་ཉི་མ་བདེ་གཤེགས་ཤཱཀྱའི་ཏོག་རྒྱལ་ཚབ་མ་ཕམ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱལ་བའི་སྲས་པོ་ཀླུ་སྒྲུབ་ཐོགས་ མེད་ཞབས། །རྒྱལ་དང་བྱང་སེམས་ཚོགས་ལ་གུས་ཕྱག་འཚལ། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤ། །བསྟན་པའི་མངའ་བདག་འཇམ་མགོན་བཙོང་ཁ་པ། །གངས་ ཅན་མགོན་པོ་རྒྱལ་བ་ཡབ་སྲས་སོགས། །རྩ་རྒྱུད་བླ་མ་དྲན་དབང་ཚོགས་ལ་འདུད། །རྣམ་འདྲེན་ཐུབ་པའི་དབང་པོས་ཐོག་མའི་འཁོར། །ལྔ་སྡེ་བཟང་པོར་རབ་སྙན་ཚངས་དབྱངས་ ཀྱིས། །ཆོས་འཁོར་བསྐོར་བའི་དུས་སྟོན་སྨོན་ལམ་གྱི། །བླང་དོར་འཇུག་ལྡོག་རིམ་པ་འགོད་འདི་ཉོན། །དེའང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་སེང་གེས་འཇིག་རྟེན་མ་རིག་ [549A] །པའི་ཞབས་པས་བཅིངས་པའི་འགྲོ་བ་མཐའ་དག་རྣམ་པར་གྲོལ་བ་དང་ཡོངས་སུ་གྲོལ་བའི་ས་ལ་འགོད་པའི་སླད་དུ་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ ཆེས་རྫོགས་སྨིན་སྦྱངས་གསུམ་མངོན་དུ་བྱས་ཏེ། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུར་སངས་ རྒྱས་ཏེ། སླར་ཡང་མ་དག་པའི་ཞིང་གི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་འདོད་པ་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་རྣམ་པར་རོལ་ཏེ། གདུལ་བྱ་རྣམས་ཀྱི་སྐལ་བ་ དང་འཚམས་པར་སྐུ་གསུང་ཐུགས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པར་མཛད་པ་ལས། ཝཱ་ར་ཎཱ་སིར་ལྔ་སྡེ་བཟང་པོ་སོགས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ [550B] འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་ཆོས་སྡེ་ཆེན་པོ་དགའ་ལྡན་ཆེས་མཛོད་གླིང་འདིར་རང་ཅག་ རྣམས་ཀྱི་འདྲེན་མཆོག་་སྐྱབས་མགོན་པཎྜི་ཏ་མཁན་རིན་པོ་ཆེ་དེ་ཉིད་ཀྱིས། རྒྱལ་བའི་བསྟན་པ་སྤྱི་དང། ཁྱད་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་བསྟན་པ། གསེར་ཞུན་ཅོད་པན་འཆང་ བའི་རིང་ལུགས་འདི་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ། ལུས་ཅན་སྤྱི་དང་ཕྱོགས་འདིའི་སྐྱེ་བོ་མཐའ་དག་ལ་ ཕན་བདེ་ཟད་མི་ཤེས་པ་འབྱུང་བའི་དགོས་པ་ཁྱད་པར་ཅན་ལ་གཟིགས་ནས། ་རྗེ་རིན་པོ་ཆེའི་གསུང་ལྟར་འདོན་ཆ་དང་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་སྨོན་ལམ་ཆེན་མོ་གསར་དུ་བཙུགས་པར་མཛད་པའི་ཕྱག་སྲོལ་བཟང་པོ་ ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་འདི་ཡིན་ནོ། །དེས་ན་འདིར་འཚོགས་པའི་དགེ་འདུན་རྣམས་ཀྱིས་སྨོན་ལམ་གྱི་སྐབས་སུ་ཉམས་སུ་བླང་བྱའི་སྒྲིགས་ལམ་ཀུན་སྤྱོད་ཀྱི་རིམ་པ་འགོད་པ་ལ་གཉིས། ཚོགས་ཀྱི་སྒྲིགས་ ལམ་དངོས་དང། དེར་མ་འདུས་པའི་སྒྲིགས་ལམ་གྱི་སྐོར་དང་གཉིས། དང་པོ་ནི། འདིར་རབ་བྱུང་བཅུ་བཞི་པའི་ཆུ་སྟག་ལོ་ནས་བརྩམས་ཏེ། ་ལྷ་བཅས་འགྲོ་བའི་གཙུག་རྒྱན་ལྕང་སྐྱ་རྡོ་རྗེ་འཆང་སོགས་བླ་མ་སྐྱེས་ [551A]༄༅། །ཆེན་སྐུ་དྲིན་ཅན་རྣམས་ཀྱི་ཞབས་བརྟན། ་གོང་མ་བདག་པོ་ཆེན་པོའི་ཆབ་སྲིད་བརྟན་ཅིང། དེའི་མཐུ་ལ་བརྟེན་ནས་བདག་ཅག་དགེ་འདུན་དམངས་དང། ཧོ་ཤོའི་བདག་བོ་ཧུར་ཚ་པེས་ཟེ་ཡུམ་སྲས་དཔོན་བློན་ ལྟོས་བཅས་དང། ཚེ་འདིའི་དྲིན་ཅན་ཕ་མས་གཙོ་བྱས་འབྲེལ་ཐོགས་ལུས་ཅན་ཀུན་གྱི་སྡིག་སྒྲིབ་ཀྱི་ཚོགས་བྱང་ཞིང་དག་ནས་སྐྱེ་བའི་ཕྲེང་བར་ལྷ་མིའི་རྟེན་བཟང་རིམ་པར་བརྒྱུད་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ པའི་རྒྱུར་དམིགས་ནས། འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་དུང་ཕྱུར་འགྲོ་ངེས་པ་གཞིར་གཞག་སྟེ་བྱིན་རླབས་ཅན་གྱི་བུམ་སྒྲུབ་ལོ་སྟར་ཟླ་བ་དྲུག་པའི་ཚེས་པ་གཉིས་ནས་གྲལ་འཛིན་མཛད་དེ་གནང་རྒྱུར། ཐོག་མར་ དགོན་གཉེར་སོགས་ཀྱིས་དོ་དམ་བྱས་ཏེ་འདུ་ཁང་གི་ཕྱི་ནང་དུ་གད་དར་དང། མཆོད་རྫས་གསར་པ་རྣམས་ཀྱང་ལེགས་པར་བཀྲམ། ཚོགས་ཆེན་དང། གྲ་ཚང་སོ་སོའི་བུམ་པ། མཆོད་གཏོར་སོགས་གང་ཅིའི་གྲ་བསྒྲིགས་ཚུལ་ བཞིན་བྱ་ཞིང། གཞན་ཡང་མཆོད་པའི་ཡོ་བྱད་མཐའ་ཡས་པ་འདུ་བྱ། དེ་ནས་ལས་སྣེ་རྣམས་སྐུ་མདུན་དུ་མཇལ་ཏེ་རིལ་སྒྲུབ་དང་སྨོན་ལམ་གྱི་སྙན་གསན་ཕུལ། ཕྱི་དྲོ་དུང་ཆེན་བཏང་ནས་བུམ་སྒྲུབ་དང་སྨོན་ལམ་ཆེན་མོའི་ གྲལ་འཛིན་ལྷན་གཅིག་བྱེད་རྒྱུར། བླ་བྲང་དང། སྤྱི་སོའི་ཞབས་གྲས་ལས་བྱེད་པ་རྣམས་དང། དེ་མིན་རྭ་བསྐོར་དང་གུར་སོགས་ཀྱི་བསྲུང་མཁན་ལྟ་བུ་བྲེལ་བ་དམིགས་བསལ་ཅན་ཡིག་ཐོར་བཀོད་པ་མ་གཏོགས། མཚན་ཉིད་ [552B] ཞབས་བརྟན་གྲ་ཚང། སྔགས་གྲ་དང། ཧོ་ཤོ་སྤྱིའི་གྲ་པ་ཐམས་ཅད་ནས་མ་ཎིའི་ཕན་ཡོན་དྲན་ཏེ། དགོངས་པ་ཞུས་གནང་མེད་པར་ཐུགས་ཁུར་རྒྱ་ཆེན་པོས་འདིའི་གྲལ་འཛིན་རྗེས་ཟིན་པ་ཕེབས་དགོས། ཞབས་ བརྟན་གྲ་ཚང་པ་རྣམས་ཚོགས་ཆེན་དུ་གྲལ་འཛིན་བྱེད། གྲལ་འཛིན་བྱས་པའི་དགོས་པ་འཚང་ཀ་དང། འུར་ཞོགས། ཐལ་འཚུབ་སོགས་མི་ལངས་པའི་ཆེད་ཡིན་པས་སང་ཉིན་ནས་གྲལ་དང་གོ་ས་སྦོས་མི་ཆོག་པ་ངེས་པ་ བྱེད། གྲལ་འགྲིག་ཚར་བ་དང་དབུ་མཛད་ནས་ཞལ་འདོན་གྱི་འགོ་བསྐུལ་ཏེ་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་གསུང་ཞིང། མྱུར་མཛད་མ་གདངས་བཅས་གསུང་བ་མ་གཏོགས་དཀྱུས་ལྟར་ཡིན་ལ། ཕྱི་ཆབ་བཏང་སྟེ་ ཚོགས་གྲོལ། སང་གཞོག་གནམ་མ་ལངས་ཙམ་ན་བཞེངས་བརྡ་བཏང་བ་དང་བླ་མ་དགེ་འདུན་དམངས་དང་བཅས་བཞེངས་ཏེ་ན་བཟའ་སོགས་ཚུལ་མཐུན་བཞེས་ནས་ཡན་ལག་ལྔའི་ཁྲུས་དག་འཆལ་གྱི་རྫས་དང་བཅས་ལེགས་ པར་མཛད་པ་སོགས་བྱ་རྒྱུད་སྤྱིའི་སྤང་བླང་ཚུལ་བཞིན་བྱས་ཏེ་རིམ་གྱིས་འདུ་ཁང་སོགས་སུ་འཚོག་ནས་དགེ་འཕེལ་གླིང་དུ་ཚེ་རབས་ཀུན་ཏུ་མ། ཤེར་སྙིང་སྐྱབས་འགྲོ་སེམས་བསྐྱེད་སྦྱི་ལྟར་སྔོན་དུ་བཏང་མཚམས་སུ་མང་ང་ གཏོང། དེ་ནས་དབུ་མཛད་ཀྱིས་བསྐུལ་བ་དང་ལྷན་དུ་འགྱུར་སྔགས། བགྲང་ཕྲེང་བྱིན་རླབས། ངག་བྱིན་རླབས་རྣམས་སྔོན་དུ་བཏང་ནས། ཆོ་གའི་འགོ་ཚུགས་ཏེ་ཡིག་དྲུག་ཇི་ལྟར་རིགས་པ་སོང་བའི་མཚམས་ནས་དགེ་ [553A]༄༅། །བསྐོས་ཀྱིས་ཚོད་འཛིན་སྟེ། མང་ཇ་གཉིས་པའི་ཐོག་འཁུར་བ་བཏོང་བའི་སྐབས་སྔགས་ཐུན་འཛིན་པ་གྲལ་ཕྲེང་གསུམ་ལྟ་བུས་སྙིང་པོ་སྒྲ་མ་ཆད་པ་གསུང་དུ་བཅུག་པ་ནས་གྲོལ་ཁའི་བཟླས་པའི་བར་མ་ཎི་རྒྱུན་ མི་འཆད་པའི་དོ་དམ་གང་དྲག་བྱེད། ཐུན་རེར་མ་མཐའ་ཆུ་ཚོད་ཕྱེད་དང་གཉིས་ངེས་པར་འགྲོ་བའི་ཚོད་ཀྱིས་ཆབ་བཏང་བ་དང་ཆོ་གའི་མཇུག་རྫོགས་པར་བྱས། མྱུར་མཛད་མ་རྐྱང་འཐེན་བྱས་ཏེ་ཐུན་ཚོགས་གྲོལ་བ་ཐུན་ཐམས་ཅད་འདྲ་ བས་ངེས་པ་བྱེད། མ་ཎྀ་གསུང་བའི་སྐབས་སུ་དད་པ་དང་བླངས་ཀྱིས་སུན་སྣང་མེད་པར་གསུང་བ་མ་གཏོགས་གླུ་རྩེད་ཀྱི་རྣམ་པས་མི་བྱེད་དགུ་བྱེད་བྱས་ན་ཕན་ཡོན་མི་ཐོབ་པའི་ཁར་འདི་ཕྱི་ཀུན་ཏུ་ཕུང་བས་ཐམས་ཅད་ཀྱིས་ བསྒྲིམ་དགོས་ལ། ལས་བྱེད་པ་རྣམས་ནས་དོ་དམ་ལེ་ཤོར་མེད་པ་བྱེད། མཚམས་ཀྱི་སྔགས་རྒྱུན་འཛིན་ལུགས་སྔར་འདྲ་ཞིང། མ་འགྱང་བར་སྔ་ཆབ་གཏོང་བ་ན་རྗེས་ལུས་མེད་པར་ཚོགས་ཚར་བ་དང་ཐུན་གཉིས་པའི་ཆོ་ག་ གསུང་ཞིང། ཁྲུས་གསོལ་བསྡུས་པ་རྫོགས་མཚམས་མང་ཇ་གཏོང། ཐུན་ཚོད་གོང་ལྟར་གྱི་ཉིན་གུང་སླེབ་ངེས་སུ་དགུང་ཚིགས་ཀྱི་ཐུག་པ་གཏོང་སྟེ་ཐུན་གྲོལ་ལུགས་གོང་མཚུངས། ཉི་ཚོད་ཐིག་ངེས་བྱས་ནས་ཆབ་བཏང་སྟེ་ འཚོགས་པ་དང། མང་ཇ་གཏོང་ལུགས་སོགས་ཉིན་ཐུན་ཕྱི་མ་གསུམ་འདྲ། ཕྱི་དྲོའི་ཐུན་ཉི་མ་མི་ནུབ་ཙམ་དུ་གྲོལ་དགོས་ལ། གྲ་ཚང་སོ་སོ་ཡང་ཚོགས་ཆེན་དང་དུས་མཚུངས་བྱེད། ཉི་མ་ནུབ་ཙམ་གྱི་ཚོད་མཚན་འཁྱོངས་ [554B] གནམ་སྟོད་སྨད་ཀྱི་ཐུན་ཚོད་འཛིན་ལུགས་སོགས་ཡང་རིགས་བསྒྲེ། བཞེངས་བརྡ་བཏང་བ་དང་གྲལ་འགོར་བཞུགས་པ་ཚོས་སྔགས་ཀྱི་རྒྱུན་འཐུད་ཚུལ་ ཤེས་དགོས་སོ།། མཚན་འཁྱོངས་ཡང་ཚོགས་ཆེན་དང་གྲ་ཚང་རྣམས་རེས་མོས་བྱས། འདོན་ཆའི་སྐོར་ཟུར་གསལ་ལྟར་ལས་ཚིགས་བཅད་རེ་ཙམ་འདོད་སྦྱར་བྱས་མི་ཆོག་ཅིང། སྐྱུང་གནས་ལྷ་ཁང་ལ་བླ་མ་མཆོད་པ་དང་ བླ་མ་ཡི་དམ་ཆོས་སྲུང་སྤྱིའི་གཏོར་འབུལ། སྐུ་ལྔའི་གསོལ་མཆོད། སྡེ་བརྒྱད་གསེར་སྐྱེམས་རྣམས་བཏང། གྲྭ་ཚང་གཞན་བཞི་དགེ་འཕེལ་གླིང་དང་མཚུངས། དེ་ལྟ་བུའི་ཚུལ་གྱིས་ཉིན་མོ་ཐུན་བཞི། མཚན་མོ་ཐུན་གཉིས་ ཁྱོན་ཐུན་དྲུག་ཉིན་ཞག་གསུམ་སོང་ནས་ཉིན་བཞི་པའི་སྔ་དྲོ་ཐུན་གཅིག་མཛད་དེ་མ་ཎིའི་ཚོགས་གྲོལ་བ་ཡིན་ནོ། །འགྱེད་ཀྱི་སྐལ་བ་རྣམ་གཞག་འཕར་མ་མེད་ཅིང། གོང་གསལ་ཚོགས་སུ་ཕེབས་མི་ཐུབ་པ་ངེས་ཅན་མ་གཏོགས་ ཚོགས་སུ་མ་ཡོང་བ་ཚོར་སྐུ་སྐལ་མི་གཏོང། ཉིན་སྟར་ཇ་ཐུག་བདུན་རེ་དགེ་འདུན་ཀྱི་ཞལ་དུ་བཞེས་སྤྲོ་ངེས་པ་གཏོང་དགོས་རྒྱུར་དོ་དམ་གཉེར་པ་རྣམས་ཀྱིས་ཁུར་ལེན་ཡང་དག་བྱེད་ཅིང། སྤྱི་སོ་ཕན་ཚུན་འདྲེས་པ་སོགས་མི་རུང་བའི་ ངེས་པ་བྱེད། ཚེས་པ་དྲུག་གི་ཞོགས་ཚོགས་གྲོལ་བ་དང། སྔར་རྒྱུན་ལྟར་སོ་སོའི་གྲ་བསྒྲིག་བྱས་ཏེ་ཚེས་བདུན་ནས་སྨོན་ལམ་ཚོགས་རྒྱུ་ཡིན་ལ། དེ་ཡང་ཉིན་ཞག་ཕྲུག་གཅིག་གི་ཀུན་སྤྱོད་གཙོ་བོར་གྱུར་བའི་སྒྲིགས་ལམ་གྱི་རྣམ་བཞག་ [555A]༄༅། །ལ་མཚོན་ན་སྐྱ་རེངས་གཉིས་པ་ཤར་བའི་ཚེ་ཞལ་ཏ་པས་དགེ་བསྐོས་དང། ཆབ་རིལ་པ་སོགས་ལ་བརྡ་གཏོང། ཆབ་རིལ་པས་སྟ་གོན་གྲུབ་མཚམས་དུང་མཁན་གྱིས་བཞེངས་བརྡ་གཏོང། དགེ་འདུན་རྣམས་མཐའ་ གཉིས་སྤངས་པའི་ཆོས་དང་མཐུན་པའི་ན་བཟའ་བཞེས། དེ་རྗེས་སྐྱ་རེངས་གསུམ་པའི་སྐབས་དུང་སྒྲ་མ་བྱུང་བར་དུ་མི་འདུ་ཞིང། དུང་སྒྲ་དང་པོ་བྱུང་མ་ཐག་ཞྭ་མོ་ཟླ་གམ་སོགས་གྱོན་ཏེ་ཀུན་སྤྱོད་ཞི་འདུལ་གྱིས་དམིགས་བརྩེ་མ་ གསུང་བཞིན་པ་ནས་བག་ཡོད་ཀྱིས་སོ་སོའི་ནང་ནས་བྱོན། དུང་ཐེངས་གཉིས་པའི་ཚེ་འདུ་ཁང་གི་ཕྱིར་ཕེབས་གྲུབ་པ་དང་དབུ་མཛད་པས་ལྟུང་བཤགས་ཀྱི་འགོ་བསྐུལ་བྱེད། དགེ་འདུན་རྣམས་ནས་ཀྱང་རྗེ་བླ་མ་བཙོང་ཁ་པ་ ཆེན་པོའི་ཉམས་མགུར་ལས། སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བ་བསྟེན་པ་གཅེས། །ཞེས་གསུངས་པ་ལྟར་རང་རྒྱུད་ཁུལ་ངེས་པའི་ངེས་ འབྱུང་གིས་ཀུན་ནས་བསླངས་ཏེ་འཕགས་པ་ཕུང་པོ་གསུམ་པའི་མདོ་གསུང་ཞིང་ལང་ཚོའི་བབས་བསྟུན་གྱིས་ཕྱག་ལ་འབད། ལྟུང་བཤགས་སྤྱི་བཤགས་དང་བཅས་པ་སོང་བའི་མཚམས་དུང་ཐེངས་གསུམ་པའི་ཚེ་དགེ་ བསྐོས་ནས་སྒོ་ཕྱེ་བ་དང་བསྟུན་རྒན་རིམ་བཞིན་འདུ་ཁང་དུ་ཕེབས་ནས་གདོང་གྲལ་ལ་བླ་མ་སྤྲུལ་སྐུ་དང་སྐད་དང་འདོན་ཆོས་ངེས་པ་རྣམས་དང། གཞན་མའི་གྲལ་ལ་བཀའ་རམ་རྣམས་གྲལ་འགོར་རང་རང་གི་བསླབ་པའི་ [556B] དེའི་འཕྲོར་མིང་བཏགས་མ་བྱས་པའི་དགེ་སློང། དེའི་འཕྲོར་དགེ་ཚུལ་རྣམས་རང་རང་གི་བསླབ་གྲལ་ལྟར་བྱེད་པ་ལས་རྐང་མགྱོགས་ཀྱིས་གྲལ་བྱས་མི་ཆོག་དེ་ཡང་གྲལ་ལ་བཞུགས་པའི་ ཚ་མུ་ཏིག་སྟར་ལ་བརྒྱུས་བ་ལྟར་ལ་ཡོ་འཁྱག་འཁྱོག་མེད་པར་བཞུགས་ཤིང། དེ་ལས་གཞན་དུ་རྩིག་པ་དང་ཀ་བ་ལ་སྙེ་བ། ཁ་སྣ་མ་བཀབ་པར་མཆིལ་སྣབས་འདོར་བ། གྲལ་མཆོ་དང་ལོང་གཏམ་སྨྲ་བ། གཉིད་ལོག་པ་ བཞད་གད། ལག་རྩེད། ཁ་གཏུམས་ཤིང་གཞོགས་གཅུས་པ། མཇིང་པ་བསྒྱུར་ཏེ་གཡས་གཡོན་དུ་ལྟ་བ། མགོ་ཧ་ཅང་སྒུར་ཏེ་སྡད་པ་སོགས་མི་བྱེད། ཟླ་གམ་གྱི་ཐུ་བ་གཡས་པ་ཕྲག་པ་གཡོན་པ་ལ་འཕང་ནས་བཞུགས་ པ་མ་གཏོགས་མདུན་ཕྱེ་ནས་ཝ་བ་གྱོན་པ་ལྟ་བུ་བྱེད་ས་མེད། བྱང་འདྲེན་གྱིས་ཞལ་འདོན་བསླབ་བ། དུང་མཁན་གྱིས་དུང་འཕྲོ་འཇོག་པ། དགེ་བསྐོས་ཀྱིས་སྒོ་གཅོད་པ་གསུམ་དུས་མཚུངས་ལོང་བ་བྱེད་ཅིང། ཚོགས་ ཆེན་དགེ་བསྐོས་ནས་རྡུལ་མནོན་སྤོས་བསྐོར་བྱ། ཞལ་འདོན་གྱི་རིམ་པ་ཉིན་རེ་བཞིན་གཞོག་པའི་ཐོག་འདུ་ཁང་དུ་སླེབ་འཕྲལ་ཚེ་རབས་ཀུན་ཏུ་མ། ཤེར་སྙིང་བཟློག་པ་བཅས། སྐྱབས་སེམས། དགའ་ལྡན་ལྷ་བརྒྱ་མ་རྫོགས་ མཚམས་ཇ་དྲངས། བཟའ་བཏུང་གི་ཚེ་ཅག་ཅག་དང། ཧུ་ཧུ་དང། ལྕེས་ལྡག་པ་སོགས་མི་མཛེས་པ་མི་བྱེད། ལག་བདེ་བས་ཇ་ཐུག་སོགས་འདྲེན་སྐབས་གྲལ་དུ་འབོ་ཟག་མེད་པ་བྱེད། མང་ཇ་ངོ་རེའི་རྗེས་སུ་ཕྱི་ནང་གི་ [557A]༄༅། །དཀྲུགས་ཤིང་བྱེད་པ་སོགས་ལ་དམིགས་པའི་མདོ་སྒྲུབ་ཚར་གཅིག་དེ་ནས་བླ་མ་མཆོད་པའི་འགོ་ནས་བསྔོ་བའི་ཡན་ལག་གི་བར་གདངས་དང་བཅས་པ། ལམ་རིམ་གསོལ་འདེབས། ཡོན་ཏན་གཞི་འགྱུར་ མ་བཅས་ཚོགས་འདོན་དབུ་མཛད་པས་གདངས་འདུར་མ་ཅི་ལྟ་བུ་ཞིག་བསྐུལ་ཀྱང། ཐམས་ཅད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ་དང། མ་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་བདེ་བ། ཁྱད་པར་དམིགས་ཡུལ་ གྱི་རྒྱུ་སྦྱོར་བ་ལ་ཕན་འདོད་ཀྱི་ལྷག་བསམ་བཟང་པོས། མཐའ་དབུས་མེད་པར་ཉམས་འུར་ཆེམ་ཆེམ་གསུངས་པ་ལས། ཚོགས་འདོན་མི་འདོན་པའམ། བཏོན་ཀྱང་དལ་བྲེལ་མི་སྙོམས་པའི་སྔོན་འཇུག་ཤོར་བ་ལྟ་བུ་མི་བྱ། ཚོགས་ གྲོལ་དུས་ཆབ་བླང་བ་དང་བསྟུན་ངལ་བུས་འགྲོ་བ་ལས་མཆོད་རྒྱུག་རྒོད་པའི་རིགས་མི་བྱེད། དྲོས་ཇའི་ཐོག་གཉེར་ཆེན། སྤྱིན་བདག་བཅས་ཀྱིས་སྤོས་བསྐོར་བྱ། གནས་བརྟན་ཕྱག་མཆོད་སོགས་སངས་རྒྱས་བྱང་སེམས་ ཀྱི་བསྟོད་པ། རྒྱལ་བ་ཡབ་སྲས་ཀྱི་ཞབས་བརྟན་སོགས་རེས་མོས་ཀྱི་གསུང། ཚ་རྟིང་མའི་ཐོག་དམིགས་བརྩེ་མ་གང་འགྲོ། བླ་མ་མཆོད་པའི་འཕྲོ་རྫོགས་པ་བྱེད། ཉིན་གུང། ཤེར་སྙིང། རྒྱལ་བ་བྱེ་བ་མ། སྒྲོལ་མ། སེང་ གདོང་མ་གཟུངས་དང་བཅས་བཟློག་པ། བཟང་སྤྱོད་སོགས་སྨོན་ལམ། བོ་དོང་པཎ་ཆེན་གྱིས་མཛད་པའི་མ་གཅིག་གི་གཏོར་འབུལ། ཉིན་ཕྱི་མ་རྣམས་ལ་ཉིན་གུང་བཀའ་འགྱུར་གསུང་སྒྲོག་དགོངས་མོ་སྨོན་ལམ་གྱི་དུང་སྒྲ་ [558B] སྒྲོལ་མ་ཡན་ལག་བདུན་པ་དང་བཅས་པ། ལེགས་བྲིས་མ་འགོ་ཚུགས་ནས་སྨོན་ལམ་མཁན་པོ་གདན་དྲངས། དེ་ནས་སྐབས་གསུམ་པ་ བློ་བཟང་རྒྱལ་བ་གཉིས་རེ་མོས། བྱམས་སྨོན་དང། ཐོག་མཐའ་བར་སྨོན་ལམ་གཉིས་རེ་མོས་བྱ། དེ་ནས་མཆོད་དབྱངས་པ་རྣམས་ལངས་ནས་སྙན་གསན་ནས་བཟུང་མཆོད་དབྱངས་ཀྱི་བར་མ་ཉམས་པ་བྱེད། དེང་ནས་མ་ ས་གཞི་མ། ལྟུང་བཤགས་རྣམས་དཀྱུས་ལྟར་བྱ། མཁན་པོ་ནས་དཀར་གཏོར་གསུང་འཕྲལ་ཇ་འདྲེན། དེ་ནས་གསང་བའི་རྣམ་ཐར། ཡོན་ཏན་གཞི་གྱུར་མ་རྣམས་གསུང། མཁན་པོ་ནས་སྤྱིའི་བསྔོ་བ། བསྟན་འབར་མ་ ཆོས་རྒྱལ་མ། བདེ་བ་ཅན་གྱི་སྨོན་ལམ་དང་བཅས་གསུང། མཇུག་ཏུ་ཤིས་བརྗོད་དམིགས་བརྩེ་མ་རྒྱང་འཐེན་བྱས་ནས་ཚོགས་གྲོལ། ཕྱོགས་གཏོར་ཡང་སྔར་གྱི་ཕྱག་སྲོལ་གང་ཡོད་ལྟར་གཏོང། གཏོར་ཟོར་འཕེན་ཉིན་ སྔ་འཚོགས་བྱས་ཏེ་གཏོར་རྒྱག་བྱེད། དེའི་ཚེ་དགེ་བསྐོས་ཀྱིས་སེར་སྤྲེངས་དང། རྒྱལ་བའི་བསྟན་སུང་མཐུ་རྩལ་ཅན་རྣམས་དང། སྔགས་འཆང་རྣལ་འབྱོར་པ་རྣམས་ཀྱིས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་ པའི་གར་འཆམས་ཇི་ལྟར་མཛད་པ་དེའི་གར་ཆས་སུ་བཞུགས་ནས་དེའི་ང་རྒྱལ་དང་ལྡན་པས་འཆམས་སྟབས་རྣམས་བྱས་པས་ལས་བྱེད་པ་ལ་ནུས་མཐུ་ཆེ་བ་དང། ཆོས་སྐྱོང་སྔགས་འཆང་རྣམས་ཀྱི་ཐུགས་རྒྱུད་ [559A]༄༅། །བསྐུལ་ཏེ་དེ་རྣམས་ཀྱང་འཆམས་སྟབས་དང་བཅས་ཏེ་དགྲ་བགེགས་སྒྲོལ་བ་སོགས་ཀྱི་ལས་ལ་འཇུག་པར་འགྱུར་བའི་དགོས་པ་ཆེན་པོ་ཡོད་པར་གསུངས་བས་འཆམས་པ་རྣམས་གར་འཆམས་ཁྲལ་ ཆོས་སུ་མ་སོང་བའི་ཚུལ་མཐུན་མཛད་པ་དང། དགེ་འདུན་རྣམས་ཀྱིས་གཏོར་ཟོར་ནུས་ལྡན་དུ་འགྱུར་བའི་སྤྱན་དམིགས་མཛད། བཅོ་ལྔའི་གཞོག་ཁ་དགེ་སློང་རྣམས་ཀྱིས་ཆོས་གོས་གསུམ་དང། དགེ་ཚུལ་གྱིས་ཆོས་ གོས་ཞྭ་མོ་གྱོན་པ་དང་བཅས། མ་འོངས་པ་ན་མ་ཕམ་མགོན་པོ་དབུས་འགྱུར་འཆང་དུ་འབྱོན་པའི་ཚེ་འཁོར་གྱི་ཐོག་མར་སྐྱེས་ནས་གསུང་གི་བདུད་རྩི་མྱོང་བའི་རྟེན་ཅིང་འབྲེལ་འབྱུང་དང་ས་ཕྱོགས་དགོན་གནས་བཀྲ་ཤིས་པའི་ ཕྱིར་དུ་བྱམས་པ་མགོན་པོའི་སྣང་བརྙན་བསྐོར་ལམ་དུ་གདན་འདྲེན་པར་སེར་སྦྲེངས། མཆོད་དབྱངས་པ་རྣམས་ཀྱིས་ཕྱོགས་བཞིར་ཁྲུས་གསོལ་བསྡུས་པ། ཕྱོགས་གཏོར་གཏོང་བ། བསྟན་འབར་མ་བཅས་འདོན། གུང་ཚིགས་ གྲོལ་ནས་སྨོན་ལམ་རྒྱས་པར་བྱེད་པ་སོགས་གནའ་བོའི་དུས་ཀྱི་སྲོལ་ལས་འཕྱུག་མེད་བྱེད། གཉིས་པ་དེར་མ་འདུས་པའི་སྒྲིགས་ལམ་གྱི་སྐོར་ནི། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ཡིན་པས་དགེ་ཚུལ་སློང་རྣམས་ ཀྱིས་རང་རང་གི་བསླབ་བྱ་ངེས་པར་བྱས་ནས་དམ་ཚིག་སྡོམ་པ་མིག་འབྲས་ལྟར་བསྲུང་བར་བྱ། བསླབ་བ་རྒན་པ་དང། ཡོན་ཏན་ཅན་དང། ལས་སྣེའི་རིགས་ལ་ཞྭ་ཕུད། གཟན་འབེབས་པ་སོགས་བཀུར་སྟི་དང་གཟོས་གང་ [560B] བེའུ་བུམ་སྔོན་པོ་ལས། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། དགེ་བའི་བཤེས་གཉེན་མི་བཏང་བ་ཡིན། ཞེས་གསུངས་པ་ལྟར། དགེ་ཕྲུག་རྣམས་ཀྱིས་རང་རང་གི་བླ་མ་དགེ་རྒན་གང་ཡིན་ལ་དད་པ་དང་གུས་པ་ ལྷུར་བླངས་ཏེ་ཕྱག་དང་སྔོན་དུ་ལྡང་བ་སོགས་ཀྱི་བསྙེན་བཀུར་སྟོབ་པ་དང། ལྦང་དོར་གྱི་གནས་དང། སྐབས་སུ་གང་བབས་ཀྱི་ཆོས་ཉན་པ་བྱེད། བླ་མས་ཀྱང་ཆོས་དང་མཐུན་པའི་ཁ་ཏ་བྱས་ཏེ་རྣམ་དཀར་ཀྱི་ལམ་དུ་བཀྲི་ནི་ཐུབ་ བྱེད། ཚོགས་གྲོལ་བའི་མཚམས་རྣམས་སུ་དགེ་སྦྱོར་ལ་བརྩོན་པ་གང་ཆེ་མཛད་པ་ལས་ར་སྐོར་དུ་འཚོགས་ནས་རྩེད་མོ་རྩེ་བ། གཞན་དག་ལ་སུན་འབྱིན་གྱི་ཚིག་དང། ངན་ཤག་དམའ་འབེབ་ཀྱི་མཚང་འབྲུ་བ། དོན་མེད་ཀྱི་ལོང་ གཏམ་དང་ཅ་ཅོ་སྒྲོག་པར་མི་བྱ། རྡུལ་གཟན་མེད་པར་མི་འགྲོ། ཁ་མ་བསྒྱུར་བའི་གོས་མི་གྱོན། གྲི་རིང་སྐྲ་རིང། ཕོར་ཤུབས། མེ་ལྕགས་མི་འདོགས། ཞྭ་མོ། ཟླ་གམ། གདིང་བ་གསུམ་འཛོམ་པ་བྱེད། གྲ་པའི་རིགས་ དགོས་པ་མེད་པར་ཚོང་ར་ལ་མི་འགྲོ་དགོས་གལ་ཆེ་ངེས་རིགས་ལ་ཚོགས་ཐེངས་གསུམ་ཕན་ཆང་ལ་དགོངས་བ་ཞུས་བསྟུན་བབས་ལྟོས་བྱས་ཏེ་དགོངས་པ་སྟེར། གློ་བུར་དུ་ནད་ཀྱིས་ཐེབས་པ་སོགས་མ་གཏོགས་རྐྱེན་ ཕྲན་ཚེགས་ལ་ཚོགས་ལས་མི་ལྡང། གླིང་ཁྲོང་དུ་ཆས་ཀ་སྟོར་བ་རྙེད་ན་དགེ་བསྐོས་ལ་སྤྲོད། གཙུག་ལག་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བའི་ཉེ་སར་གུང་བསང་མ་གནང། གླུ་ལེན་པ་སོགས་ཆོས་མིན་གྱི་རྩེད་མོ་རྩེ་ [561A]༄༅། །མཁན་བྱུང་ན་དགེ་འདུན་གྱི་དབུས་སུ་སྐད་མཐོན་པོའི་སྒོ་ནས་ལྟུང་བཤགས་འདོན་ཅིང་བརྒྱ་ཕྱག་འཚལ་དུ་འཇུག་གཟིམས་བརྡ་བཏང་བ་ནས་སྐྱ་སེར་གང་ཡིན་ཀྱང་འགྲིམ་འགྲུལ་མི་བྱེད་ གཉེར་པས་ཇ་ཐུག་སོགས་དགེ་འདུན་གྱིས་བཞེས་སྤྲོ་ངེས་གཏོང། མང་ཇ་བླ་བྲང་ལ་དེམ་གང་དང། ཟོ་ཆེན་བཞི། ཏཱ་བླ་མ་ལ་དེམ་གང་དང་ཟོ་ཆེན་གང། ནད་པ་ཡིན་ངེས་ལ་ཇི་ལྟར་འཚམ་བ་སྦྱིན། དམིགས་བསལ་ དགོས་རིགས་བྱུང་ན་དགེ་བསྐོས་ལ་གནང་བ་ཞུས་གནང་ལས་འོས་མིན་མི་བྱེད། གཞན་མ་ཇ་འཕྲོ་ལུས་ཀྱང་དགེ་འདུན་གྱི་སྤྱི་རྫས་འདི་ཤིན་ཏུ་ནས་ཡུལ་གཉན་ཏེ། རྗེ་བཙུན་མི་ལས། དད་པ་ཅན་གྱི་རྫས་འདི་ས་ལ་བཏབ་ན་ སགས། རྡོ་ལ་བཏབ་ན་རྫོགས་གསུངས་པ་བཞིན་སྤྲང་པོ་སོགས་ལ་བྱིན་ན་ཉེས་དམིགས་ཆེ་བས་ས་ལ་འཕོ་འཇུག་པའི་དོ་དམ་དགེ་བསྐོས་ཀྱིས་བྱེད། ཇ་རོ་ཐབ་གཡོག་པས་ཁྱེར་ན་ཇ་མི་ཐོན་པའི་རྐྱེན་ཡོང་བར་འདུག་པས་ ཇ་རོ་སྤུངས་ནས་འཇོག་འགྱེད་ཀྱི་སྐལ་བ་འདི་གར་སུམ་ཅུ། སྨོན་ལམ་མཁན་པོ་ཟུར་དུ་ཡོད་ཚེ་སྐུ་སྐལ་བདུན། ཏཱ་བླ་མ་ལ་སྐལ་བ་བདུན། གྲ་ཚང་བླ་མ་རྣམས་དང། ཚོགས་ཆེན་དགེ་བསྐོས་ཚོགས་ཆེན་དབུ་མཛད་རྣམས་ ལ་སྐལ་བ་ལྔ། གྲ་ཚང་དགེ་བསྐོས་དང་སྤྱི་པའི་གཉེར་པ་ལ་སྐལ་བ་བཞི། གྲ་ཚང་དབུ་མཛད་ལ་སྐལ་བ་གསུམ། མཆོད་དབྱངས་པ་བརྒྱད་དང་དགེ་གཡོག་གཉིས་ལ་སྐལ་བ་གཉིས། ཞལ་ཏ་པ་དགོན་གཉེར་དུང་མཁན། རྒྱ་གླིང་ [562B] ཆབ་རིལ་པ། དོ་དར་པ་ཚོ་ལ་བཞི་ལ་སྐལ་འཕར་རེ་གཏོང། ནད་པ་སོགས་ཡོད་ཚེ་ལས་སྣེ་ཚོགས་ཐོག་ནས་ཐེལ་རྟགས་ལེན་དགོས། བེལ་ཚེ་ཅན་མ་གེ་ཏོགས་ཡབ་གཞན་མ་ཚོགས་སུ་ མ་ཡོང་ཕྱིན་སྐལ་བ་མི་གཏོང་གྲ་པ་རྒན་གཞོན་ཆེ་ཆུང་གང་ཡིན་ཀྱང་དོན་མེད་ཀྱི་གཡེང་བའི་དབང་དུ་མ་སོང་བར་དུས་ཆེན་གྱི་ཕན་ཡོན་དང། འདི་ཕྱིའི་ཚོགས་གསོག་སྒྲིབ་སྦྱོང་བསམས་ནས་ཚོགས་དང་སྨོན་ལམ་ལ་མ་ཆག་བ་ བྱེད། དགེ་འདུན་གྱི་ནང་ཁྲིམས་དེ་རྣམས་ལས་བག་མེད་པ་དང་ཁྱད་གསོད་ཀྱིས་འགལ་བ་བྱུང་ན་ཉེས་ཚབས་དང་བསྟུན་པའི་ཆད་པ་འགེལ་བ་ཡིན། མདོར་ན་བླ་མ་ལས་སྣེ་དགེ་འདུན་དམངས་དང་བཅས་པ་ཐམས་ཅད་ཀྱིས་ ཉམས་ལེན་གྱི་རིམ་པ་ཞལ་འདོན་དགེ་སྦྱོར་ཀུན་སྤྱོད་སོགས་གང་ཅི་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་སར་འགྱུར་བ་ཞིག་མཛོད། དེ་ལྟར་གཉུག་མར་གནས་པ་དང། ཕྱོགས་ ནས་བྱོན་པའི་དགེ་འདུན་རྣམས་སྔ་དྲོ་སྐྱབས་སེམས། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་མཆོད་པ་དང། དགོངས་མོ་སྲས་བཅས་རྒྱལ་བ་སློབ་མ་བཅས་པ་རྣམས་མོས་པ་དང་བདེན་པའི་མཐུ་ལས་མཁའ་ཁྱབ་ཏུ་སྤྱན་དྲངས་ མཆོད་པ་དང་བསྔོ་སྨོན་གྱིས་མཐའ་རྟེན། གདན་གུང་སྐྱེ་དགུའི་ཚོགས་གཡོག་གི་དུས་ཀུན་ཏུ་བཟང་པོའི་སྨོན་ལམ་སོགས་ཆོས་སྤྱོད་ཀྱི་རིམ་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དབྱར་མཚོ་ལྟར་སྤེལ་བའི་རྣམ་ [563A]༄༅། །དཀར་གྱི་ལས་རླབས་པོ་ཆེ་བསྐྲུན་པའི་ཕན་ཡོན་མཐའ་ཀླས་ཤིང། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྲུན་པ་དེ་ཙམ་དུ་མ་ཟད་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་སྲི་ཞུ་བགྱིས་པའི་བསོད་ ནམས་ཀྱི་ཚོགས་གཞལ་དུ་མེད་པ་ནི། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོར་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རབ་ཏུ་བྱུང་བ་འམ། ཁྱིམ་ན་གནས་པ་གང་དག་ཁ་ཅིག་ཐ་ན་རིང་ བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ ལས་འདས་པར་ང་སྨྲའོ། །ཞེས་བསོད་ནམས་ཀྱི་ཕུང་པོ་ཚང་གཟུང་བར་དཀའ་བའི་ངང་ཚུལ་དེ་ལ་འཇུག་བྱར་ཡོད་པ་ནི། ཚེ་རབས་མང་པོར་གོམས་པའི་ལེགས་བྱས་ཀྱི་འབྲས་བུ་ཡོངས་སུ་དུད་པའི་བཟང་པོའི་སྐལ་བ་ཅན་ ཡིན་ལ། ཁྱད་པར་དུས་ཆེན་འདི་ལྟ་བུ་ལ་དགེ་བ་གང་བྱས་འགྱུར་ཤིན་ཏུ་ཆེ་སྟེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། བཟང་པོའི་དུས་ཆེན་དེ་དག་རྣམས་ལ་ནི། །ཡིད་ཆེས་རྙེད་པས་དགེ་བ་གང་བསྒྲུབས་དེ། །བྱེ་བ་ བརྒྱ་ཡི་འགྱུར་དུ་མདོ་ལས་གསུངས། །དེ་ཕྱིར་དགེ་བ་བསྒྲུབ་ལ་བརྩོན་པར་མཛོད། ཅེས་གསུངས་པ་ལྟར་ཤེས་པར་བྱས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་བསྒོམ་པ། ཁ་འདོན་བཟླས་བརྗོད། མཆོད་པ་ [564B] ཕྱག་དང་བསྐོར་བ་བྱ་བ། སྦྱིན་པ་གཏོང་བ་སོགས་དགེ་བའི་རྩ་བ་ཅི་ནུས་སུ་སྒྲུབ་བ་ལ་འབད། སྦྱིན་བདག་རྣམས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བགའ་བསླུ་བ་མེད་པ་འདི་དག་ལ་ངེས་ཤེས་རྙེད་ནས་དཀོན་ མཆོག་གི་མཆོད་པ། ཕྱག་དང་བསྐོར་བ་སོགས་རྣམ་དཀར་སྤྱི་དང་ལྷག་ཏུ་དགེ་འདུན་གྱི་བསྙེན་བཀུར་སོགས་ལ་བརྩོན་པར་མཛད་ན་ཐེགས་ཚོགས་ཐམས་ཅད་ཀྱི་རྩ་བ་འཚུགས་པར་འགྱུར་བ་ཡིན་ཏེ། ཐུབ་དབང་རྡོ་རྗེ་འཆང་ཡོངས་ འཛིན་ཛྙཱ་ན་དཧྭ་ཛའི་ཞལ་སྔ་ནས། དཀོན་མཆོག་གི་ནང་ནས་དགེ་འདུན་དང་དེའི་ཡང་སོ་སྐྱེའི་དགེ་འདུན་ནི་དངོས་ཀྱི་ཕན་ཡོན་གྱི་ཞིང་ལ་དཀོན་མཆོག་གཞན་གཉིས་ལས་ཀྱང་བཀའ་གཉན་ལ་མཆོག་ལེན་པར་མདོ་དང་རྒྱུད་སྡེ་ལས་མང་ དུ་བྱུང་བ་བཞིན་བཀའ་གདམས་པའི་ཕྱག་ལེན་དུ་གནད་ཆེ་བའི་གནས་གཅིག་ཡིན་པར་བསམས་ནས་ལག་ལེན་ལ་ཡང་ཅི་ཐེབས་བྱས་པ་ཡིན་གསུངས་པ་དང། རྗེ་བཙུན་མི་ལས། ཕུ་རུ་སྒྲུབ་བ་བྱེད་པའི་སྒོམ་ཆེན་དང། །མདའ་ རུ་འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། ཞེས་གསུངས་པ་བཞིན་ཕན་ཡོན་བླ་ལྷག་ཏུ་ཆེས་ལས་བསོད་ནམས་ཀྱི་དཔུང་ལྡན་རྣམས་སྐྱེས་ བུའི་རྩལ་ཅི་ཡོད་ཀྱིས་འབད་པར་རིགས་སོ། །མདོར་ན་གོང་སྨེས་ཀྱི་བླང་དོར་རྣམས་འཇོལ་བ་མེད་པར་ལྷུར་བླངས་ན་འཇིག་རྟེན་ཀུན་ཏུ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བར་འགྱུར་བ་ནི། སྤྱོད་ [565A]༄༅། །འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག་ཅེས་གསུངས་པ་ལྟར་རོ། །སྨྲས་པ། སྐྱེ་དགུའི་བསོད་ ནམས་ཞིང་མཆོག་རིག་གྲོལ་གྱི། །ཡོན་ཏན་གཉིས་ལྡན་འཕགས་ཚོགས་འདུས་པའི་སྡེ། །འཁོར་གསུམ་དང་འབྲེལ་མཛད་བཟང་ཆོས་སྤྱོད་ཀྱིས། །འགྲོ་བློའི་རྒུད་མུན་སེལ་འདི་ཨེ་མ་རྨད། །འཇམ་མགོན་རིང་ལུགས་དབང་ཕྱོགས་ནོར་ འཛིན་གཞིར། །དར་རྒྱས་མཛད་སྨོན་འབྲས་གྲུབ་སྐྱེས་ཆེན་དེའི། །འཕྲིན་ལས་ཆ་ཤས་སྨོན་ལམ་ཆེན་མོ་ཡི། །སྲོལ་བཟང་མི་ཉམས་ཡུན་དུ་སྤེལ་བའི་ཕྱིར། །ཁྲིམས་སུ་བཅའ་བ་ནམ་ཡང་མི་འགྱུར་བའི། །ཡི་གེར་བཀོད་པའི་དགེ་བས་ ཐུབ་བསྟན་མཆོག་འཛིན་སྐྱོང་སྤེལ་ལ་སྐྱབས་གསུམ་ཀུན་འདུས་རྗེ། །རོལ་བའི་རྡོ་རྗེ་ལྟ་བུ་བདག་འགྱུར་ཤོག་ཅེས་ཆོས་སྡེ་ཆེན་པོ་དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་དུ། རྣམ་འདྲེན་ཟས་གཙང་སྲས་པོའི་ཆོས་འཁོར་བསྐོར་བའི་དུས་ཆེན་ སྨོན་ལམ་ཆེན་མོའི་ཚེ་དགེ་འདུན་རྣམས་ཀྱིས་ཉམས་སུ་བསྟར་འོས་པའི་ནང་ཁྲིམས་ཀྱི་ཡི་གེ་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ནི། ལྔ་བརྒྱ་པ་རྣམས་ཀྱི་གཙུག་ནོར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་གོང་ས་བརྒྱད་པ་ཆེན་པོའི་བཀའ་ལུང་ གིས་དགའ་ལྡན་བསྟན་པ་གསལ་བར་བྱེད་པའི་པཎྜི་ཏར་བསྔགས་པ། ཤཱཀྱའི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་ཆོས་ལ་བླ་བྲང་བཀྲ་ཤིས་བསམ་གཏན་ཕོ་བྲང་དུ་བྲིས་པ་དགེ་ [000] [567A]༄༅། །མཁས་གྲུབ་ཕལ་གསུམ་སྤྱོད་ཚུལ་སྟོན་བྱེད་པ། །ལེགས་པར་བཤད་པའི་སྦྲང་རྩིའི་རོ་མངར་གྱིས། །རབ་མྱོས་བཧྲ་མ་ར་ཡི་གླུ་སྙན་པོ། །བློ་གསལ་གཞོན་ནུའི་རྣ་བའི་བཅུད་ལེན་མཚར། ། [568A] །ན་མོ་མཉྫུ་ཤྲཱི་ཀུ་མ་ར་ཡ། ལུང་རིག་སྦྲང་རྩིའི་བཅུད་ཀྱིས་རབ་མྱོས་པའི། །དོན་ལྡན་སྙན་ཚིག་གླུ་དབྱངས་འཐེན་མཁས་པ། །ཡིད་འོང་སྦྲང་རྩིའི་ བརྟུལ་ཞུགས་སྙན་སྒྲོན་འདི། །བློ་གསལ་ཡོངས་ཀྱིས་རྣ་བ་བླགས་ཏེ་ཉོན། །དེའང་སྔོན་མི་གཅིག་གིས་ང་མཁས་པ་གཅིག་བྱེད་དམ་གྲུབ་པ་གཅིག་བྱེད་དམ་རང་དགའ་བ་གཅིག་ བྱེད་དམ་སྙམ་པའི་རེ་བ་གཉིས་དང་རྟོག་པ་གཅིག་འཐབ་པས། གཅིག་ནས་གཅིག་ཏུ་མཆེད་དེ་བློ་མ་བདེ་བ་བྱུང་ཚེ་མེ་ཏོག་གཅིག་གི་གསེབ་ནས་པུང་བ་གཅིག་ཐོན། མི་དེ་ལ་གར་སྟབས་ཀྱིས་སྐོར་ནས་སྔར་གྱི་ མེ་ཏོག་གི་སྟེང་དུ་འཁོད་དེ་གླུ་འདི་འདྲ་གཅིག་བླངས་སྐད། མཁྱེན་བརྩེའི་གཏེར་མཛོད་བླ་མ་ལྷག་པའི་ལྷ། །སྤྱི་བོས་མཆོད་ནས་བྷྲྀངྒ་བཧྲ་མ་རས། །མཁས་གྲུབ་ཕལ་གསུམ་ [569A] །ལམ་མདོར་འཁྱམས་པའི་གྲོགས། །ཁྱོད་དང་ཁྱོད་འདྲར་ཕན་པའི་གླུ་འདི་འཐེན། །ཆེད་དུ་དམིགས་པའི་ཟུར་རྔའི་ཉ་མིག་དང། །མ་ འདྲེས་སྨྲ་འདོད་ཉ་ཕྱིས་བར་མ་ཆོད། །ལྷག་བསམ་བཟང་པོ་ལས་བྱུང་མུཀྟི་ཀའི། །དོན་རྟོགས་ཚིག་གི་སྲད་བུར་སྤེལ་ལོ་ཀྱེ། །མཁས་པ་བྱེད་ཙ་ན། ཀ་ བུམ་གང་རུང་དངོས་པོ་ཡིན་མིན་དང། །ཁ་དོག་དཀར་དམར་ཙམ་གྱིས་ཆོག་ཤེས་ཏེ། །ག་ལེར་བསམ་སྒོམ་རྒྱུད་ཐོགས་མ་ཁེལ་ན། །ཚིགས་ལ་མཁས་སྙམ་ ཀྱིས་ངོམས་ནས་བསམ་བསྒོམ་གྱི་ཤེས་རབ་ལ་མ་འབད་ན་མདོ་ལས། དགེ་སློང་སྨྲ་བ་ལྷུར་ལེན་པ་གང་དག་ཡིན་པ་དག་འབྱུང་བར་འགྱུར་ཏེ། ཡི་གེ་ལྷུར་ལེན་པ། ཡི་གེ་ལ་མཁས་པ། ཡི་གེའི་རྗེས་སུ་ [570B] ཡི་གེ་ལ་རྟོན་པ། ཡི་གེ་ལ་མོས་པའི་གང་ཟག། གསང་ཚིག་ངན་པས་འཚོ་བ། ཉིན་མཚན་དུ་རྩོད་པའི་གཏམ་ལ་མངོན་པར་དགའ་ཞིང། ཤིན་ཏུ་བཟང་བའི་མལ་སྔས་ནང་ཚན་ཅན་བཅུག་པ། གདིང་བ་དང་གཡོགས་པ་འཇམ་པོ་ལ་ཉལ་བར་བྱེད་ ཀྱིས། དེ་དག་བསམ་གཏན་ལ་གཞོལ་བའི་སེམས་གཅིག་ཀྱང་སྐྱེད་པར་མི་བྱེད་ན། འབྲས་བུ་ཐོབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ནི་གནས་མེད་དོ་ཞེས་གསུངས། ང་རྒྱལ་ནི་མདོ་ལས། ང་རྒྱལ་ཅན་རྣམས་བསྟེན་མི་བྱ། །ཞེས་དང་ ང་རྒྱལ་གྱི་སྒང་པོ་ལ་ཡོན་ཏན་གྱི་ཆུ་མི་འབྱུང་ཞེས་པ་ལྟར་ཡོན་ཏན་སྔར་ཡོད་པ་རྣམས་ཉམས་ཤིང་གསར་དུ་མི་སྐྱེ་བ་དང། བརྒྱུད་མར་བྲན་གྱི་ཡང་བྲན་འགྱུར་པ་སོགས་ཉེས་དམིགས་མཐའ་ཡས། མེ་ཡིས་རང་རྒྱུད་བསྲེག་ཉེན་ཡོད། ། ཅ་ཅོའི་འཆད་བུ་སྟོན་གྱིས། འཆད་ཉན་བསྟན་པ་འཛིན་ཞེས་གསུངས་པ་ཡང། །ངེས་འབྱུང་རྣམ་དག་ཁྲིམས་ལ་རྟེན་བཅས་ནས། །ཉན་པོ་གཟུར་གནས་བློ་ལྡན་དོན་གཉེར་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། ། ཚེ་འདིའི་རྙེད་དག་འདོད་པས་འཁོར་བསྡུས་ཏེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང། །ཉམས་ལེན་མི་བྱེད་ཆགས་སྡང་སྐྱེ་བའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །ཞེས་དང། རྩོད་ཚུལ་ཡང་དེ་ཉིད་ཀྱིས་ རྩོད་པས་བསྟན་པ་འཛིན་པར་གསུངས་པ་ཡང། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་ཡང་དག་ལམ་ལ་ཞུགས་པའི་ཕྱིར། །ལྟ་ངན་རིག་པས་བཟློག་ལ་དགོངས་པ་ཡིན། །རང་ཉིད་གྲགས་འདོད་ཕ་རོལ་ [571A]༄༅། །དམའ་དབབ་འདོད། །གཡོ་སྒྱུའི་སྤྱོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག་དེ་ལྟའི་རྩོད་པ་དེ་ཡང་དམྱལ་བའི་རྒྱུ། །ཞེས་གསུངས། ནུས་ཀྱང་དེ་དུས་ལ། ། ཆ་ཙམ་མ་བབས་ཁེ་ཆུང་ཉེན་ཆེ་ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་རྩོམ་པའི་ཐུགས་འདུན་ཡོད་ཙ་ན། ཉེ་གནས་རྣམས་ཀྱིས་ཕལ་མོ་ཆེའི་སེམས་ལ་མི་འདོད་ཞུས་པར་བརྟེན་རེ་ཞིག་འཇོག་པ་གནང་བ་དང། རྩོད་པ་ཡང་རྒྱ་གར་གྱི་ལུགས་ སྲོལ་ལྟར་རྒྱལ་པོ་དང་མཁས་མང་དཔང་དུ་བཞག་ནས་རྒྱལ་ཕམ་གྱི་ཞལ་ལྕེ་མི་གཅོད་པར། ལྐོག་ཏུ་ཁ་ལབ་མང་པོ་བྱེད་པ་དང། རང་རང་གི་རྩོམ་ཆོས་ཀྱི་ཞོར་ལ་ཚིགས་བཅད་ལྷུག་སྣ་ཚོགས་བཀོད་ནས་ཡིན་མིན་གྱི་མཚང་རྡོལ་བ་ནི་འཁྲུགས་ གཞིའི་རྒྱུར་འགྲོ་བས། །ཇ་སོགས་དཀོར་རྗེ་མ་ཏི་དཧྭ་ཛའི་ཞལ་ནས། །ཁྱད་པར་ཇ་འདིས་བརླག་པ་ཙམ། །དགྲ་བོ་ཡིས་ཀྱང་ག་ལ་བྱེད། །འདི་དང་ཕྱི་མ་ཐམས་ཅད་བརླག་ནོར་ཤོར་སྤོག་ཤོར་ཆོས་ཀྱང་ཤོར། །ཞེས་དང། བླ་མ་རྡོ་རྗེ་འཛིན་ པ་ལའང། །ཁོང་གིས་ང་ལ་ཇ་གཅིག་ཀྱང། །མ་བླུད་ཞེས་འཁང་དམ་ཉམས་སུ། །གྱུར་པ་བདག་གིས་དུ་མ་མཐོང། །ཞེས་གསུངས་པ་ལྟར་གྱི་སྡིག་པ་ཚབ་ཆེ་བ་སྦྱོང་ཐབས་ལ་འབད་པར་རིགས། །ཉ་ལྟར་འཁྱུག་འཁྱུག་མ་མང་ ལྷུང་ཐེངས་གྱིས། །ཏ་ལའི་བླ་མས་མཚོན་པའི་སྐྱེས་ཆེན་ལ། །ཐ་མལ་རྟོག་ངན་བསྐྱེད་པ་མི་ལེགས་པས། །དེ་ལྟ་བུའི་སྐྱེས་ཆེན་ལྟ་ཞོག་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བརྟེན་དགོས་པར་གསུངས་ལ་འོད་སྲུང་གི་ [572B] བདག་གི་སྐྱོན་ནི་འཆབ་བྱེད་ཅིང། །ཕ་རོལ་ཉེས་པ་རྟོག་བྱེད་པ། །འདི་གཉིས་དུག་གི་རྨ་དང་འདྲ། །རྟོགས་པ་རྣམས་ཀྱིས་རྨ་འདི་སྤངས། །ཞེས་གསུངས་ལ་ཐལ་ཕུང་ནང་གི་མེ་ལྟར་བྱང་ཆུབ་སེམས་དཔའ་གང་དུ་འདུག་པ་བདག་ཅག་གིས་མི་ཤེས་པས་ ད་ནས་བཤགས་སྡོམ་དྲན་ཤེས་རྟག་བསྟེན་ལ། །ན་རྒ་ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་ལྟར། །འཆི་ བའི་ཟོན་གྲབས་ད་ལྟ་རང་ནས་བསྒྲུབ་ན་བཟང། །པ་ར་མི་ཏའི་ངེས་དོན་འགྲིམས་ཏེ་འཚོལ། །ཕ་རོལ་གནོད་འཚེ་བློ་སྦྱོང་མཚོན་ཆ་འཁོར་ལོར། ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན་ཞེས་གསུངས་ལྟར། རང་ལས་སུ་ཐག་ ཆོད། །བ་གླང་ལྟ་བུའི་འགྲོ་ལའང་ཏིང་འཛིན་རྒྱལ་པོའི་མདོ་ལས། གཅིག་ལ་གཅིག་གིས་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །ཚུལ་ཁྲིམས་འཆལ་བ་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། ། ཞེས་དང། ཟླ་བ་སྒྲོན་མེའི་མདོ་ལས། གང་གིས་འཁྲུལ་བ་ཅི་མཐོང་ཡང། །དེ་དག་ཉེས་པ་མི་བསྒྲག་ཏེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཅེས་གསུངས་པས་གཞན་ལ་མི་སྨོད་པར། །མར་གྱུར་ལན་ཉུང་མིན་ པའི་ཚུལ་དེ་དྲན། །ནང་པའི་མཁས་པ་ཚད་ལྡན་ཟེར་བ་སེམས་འདུལ་བ་ལ་མཁས་པ་ཞིག་ལ་ངོས་འཛིན་དགོས་པས་བཀའ་གདམས་པའི་རྣམ་ཐར་དེ་བཟུང་བ་གལ་ཆེ་ཆེ། ཙ་ན་ཀ་ཙམ་ཡོན་ཏན་ཡོད་ཚོད་ལའང། །ལེགས་བཤད་ཀྱི་ [573A]༄༅། །ཚ་ལ་ཡུང་བ་འདྲེས་པའི་དཔེ་བཞིན་དུ། །ཛ་ཡའི་གསུང་ལ་བལྟ་རྟོག་གྲོས་བསྟུན་ལས། །སྐྱེ་བོ་གསོ་ཐིག་གི་ཝ་དང་མོ་ཡི་དཔེ་བཞིན་ཕན་ཚུན་ཁྱད་མ་གསོང། །ཞྭ་གོས་ གྲུབ་མཐའ་མཐུན་ནམ་མི་མཐུན་རུང། །ཟ་བཏུང་ཡན་ཆད་བྱ་སྤྱོད་ཅི་འདྲ་ཡང། །དགེ་བཤེས་སྟོན་པའི་རྣམ་ཐར་ལྟར་བསྙེན་བཀུར་བའི་གནས་སུ་འཛིན་དགོས། འ་འུར་ཚད་བཟུང་མི་རིགས་པ་མདོ་ལས། གང་ཟག་གིས་ གང་ཟག་གི་ཚོད་མི་བཟུང་གྱིས། ང་འམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་ངོ་ཞེས་གསུངས་སོ། །གླེང་འདོད་བདུད་ཀྱི་ལས། །ཡ་ག་མ་སྒྲོགས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་ རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་གསུངས་ལྟར་དག་སྣང་འབྱོངས་པ་གནད། །ར་ལྟར་གྱོང་ཞིང་རྡོ་ལྟར་སྐམ་བློ་ཡིས། ། ལ་རྒྱར་བསྙད་བཏགས་རང་འདོད་བརྩམ་བརྩམ་ན། །ཤ་བའི་རྭ་ཅོ་ཤ་བར་གནོད་ཚུལ་སོགས། །ས་ཀར་ལྟ་སྤྱོད་གང་གི་སྒོ་ནས་ཀྱང་གཞན་ལས་ཆེས་ཁྱད་འཕགས་དུ་གྱུར་པ། དགེ་ལུགས་གསུམ་ཐོག་མའི་ དར་ལུགས་དཔྱད། །ཧ་ལས་རྒྱུ་ལས་འབྲས་བུའང་དེར་ཟད་གཤིས། །ཨ་རུ་ར་ལྟར་ཀུན་ཕན་སེམས་བསྐྱེད་བྱོས། ། ༈ ཀ་དག་གདོད་མའི་གནས་ལུགས་མ་རྟོགས་པར། ། [574B] གར་ལ་བལྟ་བའི་ཁྲོད་དུ་འདུག་པ་ཞིག་དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་པ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་ཞེས་གསུངས་ལྟར། ཇི་ཙམ་ལེགས་ ཀྱང་ཨེ་རན་འབྲས། །ག་རེ་བསམ་མནོ་ནང་བཀུག་རང་གྲོས་ཐོབ། །ང་རུ་གྲགས་པའི་ཁ་བོ་ཆེ་དེ་སུ། །དོན་མེད་ཀྱི་ཅ་ཅོའི་འབེལ་གཏམ་སེམས་ཀྱི་དཀྲུགས་རྐྱེན་ཕྱིར། །ཆ་ལང་འདེབས་ ཤིང་ཞི་བ་ལྷས། བྱིས་ལས་ཐག་རིངས་བྱོལ་བར་བྱ། །འཕྲད་ནས་དགའ་བས་མགུ་བྱ་སྟེ། །འདྲིས་ཆེན་ཉིད་དུ་མི་བྱ་བར། །ཐ་མལ་པ་ཙམ་ལེགས་པར་བྱ། །ཞེས་དང། སྨྲ་ན་ཡིད་ཕེབས་འབྲེལ་བ་དང། །དོན་གསལ་ཡིད་དུ་འོང་བ་ དང། །ཆགས་དང་ཞེ་སྡང་སྤངས་པ་དང། །འཇམ་དང་རན་པར་སྨྲ་བར་བྱ། །ཞེས་པ་ལྟར་རྣར་སྙན་ཞིང་སྙིང་ལ་འབབ་པའི་གཏམ་ཁོ་ན་མིན་པ་གཞན་རྒྱུད་སྲེག་པའི་ལབ་ལབ་མ་མང་བར། །ཇ་ཡུན་བར་ཡང་མེ་ལྷོད་དགེ་སྦྱོར་འབུངས། ། དེ་ཡང་སྤྱན་སྔ་རིན་པོ་ཆེས། ཁྱེད་ཇ་ཁོག་མ་གང་བསྐོལ་བའི་རིང་ལ་ངས་བཟླས་པ་འདི་རྣམས་སོང་བ་ཡིན། ཇས་དགེ་སྦྱོར་བཅག་པ་ཙམ་སུས་བཅག་ཞེས་གསུང་སྐད། ཉ་རྒྱས་ཟླ་བཞིན་རྣལ་འབྱོར་ངང་གིས་འཕེལ། །ཏ་ལའི་ལོ་མ་ རླུང་གིས་འཁྱེར་འཁྱེར་འདྲའི། །ཐ་མལ་འཁོར་བར་འཁྱམས་ལ་ཡིད་གཏིང་ནས་སྐྱོ་ཤེས་ནས། །མི་རྣམས་ཚེ་ནི་ལོ་བརྒྱ་ལ། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ཡི་ཉིན་མོ་ཡང་ཉལ་བས། །དེ་ཡི་ཕྱེད་ཀྱང་དུམ་བུར་བྱས། ། [575A]༄༅། །ཞེས་པའི་དོན་བསམ་ཏེ། ད་ནི་མགྱོགས་པར་གསང་སྔགས་བཀའ་བཞིན་སྒྲུབ་འདོད། །ཨ་ལ་ལ་ཧེ་ཧེ། ཏི་ལོ་བ་ལྟར་ཏིང་འཛིན་སྒྲུབ་པ་ལ་བརྩོན་དང་བརྩོན་དང། ནཱ་རོ་པ་ལྟར་རྣམ་རྟོག་གཞོམ་པ་ལ་འབུངས་དང་འབུངས་དང་ ཏོག་རྩེ་པ་ལྟར་རྟོགས་པ་འཁྲུངས་ན་དགའ་ཡི་དགའ་ཡི། ཨ་བཧི་ཡ་ལྟར་ཨ་བཧི་ཤི་ཀ་སྟེར་བ་ལ་མ་རིངས་མ་རིངས། ན་བའི་གཏོ་ཆོག་འདྲ་འདྲས་གོ་མི་ཆོད། །པཀྵུའི་རྒྱུན་བཞིན་སྔགས་བསྙེན་མ་ཐེང་པར། །ཕ་མགོ་ཐོ་བས་བཅོམ་ པའི་དབང་བསྐུར་ཞོག་བ་མེན་འདྲ་ཚོར་གསང་བམ་བསྒྲག་པར། །མ་མོ་མཁའ་འགྲོའི་ཆད་པ་ཡོང་བ་སོགས་མི་མིན་གྱིས་གནོད་པ་སྐྱེལ་ཡོང་བ་སྔོན་གཙང་ན་བླ་མ་ཞིག་གྲོང་ཞིག་ཏུ་མེ་མང་ལ་དབང་བསྐུར་བྱེད་དུས་མིག་མཐོང་བ་ཞིག་གི་ མཐོང་སྣང་ལ་ཡུལ་དེའི་བཙན་ཞིག་བླ་མ་དེའི་འཁྲིས་སུ་བསྡད་ནས་དབང་བསྐུར་ཚར་བ་དང་རྐང་བུག་ནས་ཁྲག་གཅིག་བླ་མའི་མགོ་ལ་བྱུག་སོང་བ་མཐོང། དེ་ཅི་ཡིན་སྙམ་པའི་དོགས་པ་སྐྱེས་པས་བླ་མ་དེ་ནང་ལ་སླེབ་ནས་མ་འགྱངས་པར་དམར་བཤལ་གྱིས་ཤི་བའི་ གཏམ་རྒྱུད་ལྟར། འཁྲུགས་པའི་རྒྱུ་ལ་གཟབ། །ཙ་རི་ཏ་སོགས་བྱིན་ཆགས་གནས་ཆེན་ནམ། །ཚ་གྲང་རན་ཞིང་ཟས་གོས་མོད་པ་རུ། །བཀའ་གདམས་པ་རྣམས་ཀྱིས། སྐྱེ་བ་ལྷས་མ་ཚོར་བ་དང། ཤི་བ་འདྲེས་མ་ཚོར་བ་ ཞིག་བྱེད་དགོས་ཞེས་པ་ལྟར་ཛ་ལང་ཅན་གྱི་སྐྱེ་བོས་མ་ཚོར་བར། །ཝ་ལེར་སྒོམ་གྲུབ་ཚད་དུ་འཁྱོལ་བ་གཅེས། །ཞྭ་ལྟར་བཀུར་འོས་རྗེ་བདག་ཉིད་ཆེན་པོས། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ [576B] །ཞེས་གསུངས་ལྟར་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་དང། །ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དམ་ཚིག་རྡོར་བཟླས། རྡོར་སེམས་བསྒོམ་བཟླས། ངན་འགྲོ་དགུག་དྲལ། སྐུ་གཟུགས་བཞེངས་ བ་དང། ཚ་ཚ་འདེབས་པ། མདོ་རྒྱུད་ཀློག་པ། ཕྱག་བསྐོར་མཎྜལ་འབུལ་བ་ལ་སོགས་པ། །འ་ཅག་བསྟར་འོས་ཉམས་ལེན་མ་འཕྱུག་ན། །ཡ་མཚན་ཐུན་མོང་པ་མིག་སྨན་རིལ་བུ་རྐང་མགྱོགས་སོགས་དང། ཐུན་མོང་མ་ཡིན་པ་ མཆོག་གི་དངོས་གྲུབ་གཉིས་དེ་གང་དུ་འབྲོས། །རྭ་ལོའི་ལད་མོ་བྱེད་མཁན་མང་ན་ཡང། །ཚར་ཆེན་གྱིས། སྟོབས་ལྡན་ཆེན་པོའི་བྲག་རིར་གནས་བཅས་ཤིང། །ཕྲག་དོག་ཉིན་བྱེད་འོད་ཀྱིས་མིག་ཟུམ་ནས། །བསྟན་འཛིན་ཀུན་ལ་ཡ་ དམོད་པའི་ཧཱུཾ་སྒྲ་ཡིས། །སྨྲེ་སྔགས་ཐན་ཆེན་ཕྱོགས་བརྒྱར་འགྱེད་པའང་མཐོང། །ཞེས་དང། ཚེ་འདིའི་འདོད་པ་ཕྲ་མོ་ཙམ་གྱི་ངོར། །དྲག་པོའི་ལས་སྤྱོད་བྱུང་རྒྱལ་རྩོམ་བྱེད་ཅིང། །ཆོས་ལ་བརྟེན་ནས་སྡིག་ཆེན་གསོག་པ་ཡི། །བླུན་པོ་ཞེ་སྡང་ཅན་དེའང་ འདིའི་སྣོད་མིན། །སྡིག་ཅན་མི་དཔོན་སྟོབས་ལྡན་ཁྱིམ་ནང་དུ། །ལས་སྦྱོར་དྲག་པོས་ལྟོ་གོས་འཚོལ་བྱེད་ཅིང། །ལས་འབྲས་རྒྱབ་བསྒྱུར་མཐུ་སྟོབས་ཆེན་པོར་རློམ། །དམྱལ་བའི་བུད་ཤིང་ཆོག་འདིའི་སྣོད་མ་ཡིན། །ཞེས་གསུངས་ལྟར་སྔགས་ཀྱི་སྣོད་ རུང་ཙམ་དུའང་མི་འགྱུར་ངས་ལ་ལས་ཚུར་ལ་གནོད་བཀུག་མངོན་མཐོང་ཚེ། །ཤ་ཁྲག་དམར་གཏོར་ནོར་སྐྱོང་སྟོན་མོར་ཟད། །ས་རྐོ་རྡོ་རློག་སྤྱོད་ངན་དེས་ཅི་བྱ། །ཧ་ཅང་སྤྲོས་པས་རང་གཞན་གཡེངས་པ་ [577A]༄༅། །ལས། །རང་མགོ་མི་ཐོན་པར་གཞན་གྱི་ཡར་འདྲེན་དུ་རློམ་ནས་མི་ཚེ་ཟད་པ་ལས་གཅིག་པུར། ཨ་ཐུང་བསྒོམ་དང་ད་གཟོད་སེམས་ངོ་མཐོང། ། ༈ ཀ་མ་ལ་བཞིན་ཁྱིམ་མཚོར་རྟག་ འཚོ་ཡང། །མི་དགེ་བཅུ་སོགས་ཁ་ན་མ་མཐོའི་འདམ་གྱིས་མ་གོས་ཤིང། །ག་ན་གནས་ཀྱང་གྲོགས་ངན་པ་བརྟེན་ན་ནགས་ཀྱི་ཐ་ག་བའི་དཔེ་ལྟར་ཕུང་བར་འགྱུར་བ་ཡིན་ཞིང། རྔ་སྒྲའི་ཚིགས་བཅད་ལས་ཀྱང། །སྐྱེ་བོ་ངན་པ་ཡུན་རིང་ མཆོད་བྱས་ཤིང། །བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང། །དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ། །གླང་ཆེན་གྱིས་ནི་ཀེའུ་ཤིའི་སྐྱིལ་བུ་བཞིན། །ཞེས་དང། ཀླུ་སྒྲུབ་ཀྱིས། ངན་པ་རྣམས་དང་བཤེས་འདོད་ན། །ཕུང་བར་འགྱུར་བ་ ཁོ་ནར་ཟད། །ཅེས་གསུངས་ལྟར་ཡིན་ནོ། །དེས་ན་མཛའ་བཤེས་ངན་པ་འདོར་དགོས་ཏེ་རྗེ་བདག་ཉིད་ཆེན་པོས། དམུ་རྒོད་མ་རུང་དུག་སྦྲུལ་ཁྲོས་འདྲ་ཞིང། །འགྲོགས་པ་ཙམ་གྱིས་རང་གཞན་ཕུང་བར་བྱེད། །ཐར་བའི་སྲོག་རྩ་གཅོད་པར་བྱེད་པ་ ཡི། །གྲོགས་ངན་མྱུར་དུ་སྤོང་དང་རྒྱལ་ཁམས་པ། །ཞེས་གསུངས་ལྟར་རོ། །བསྟེན་པར་འོས་པའི་དགེ་བའི་བཤེས་གཉེན་ནི་རྗེ་བླ་མས། ཡིན་ལུགས་ཁོང་དུ་ཆུད་ཅིང་དབང་པོ་འདུལ། །མཐོང་བ་ཙམ་གྱིས་གཞན་ཡིད་འཕྲོག་པར་བྱེད། །བསྟེན་པ་ ཙམ་གྱིས་དགེ་འཕེལ་སྐྱོན་གྲིབ་པའི། །བཤེས་གཉེན་དམ་པ་བསྟེན་དང་རྒྱལ་ཁམས་པ། །ཞེས་གསུངས་པ་ལྟར་གནོད་ཆུང་ཕན་ཆེ་བའི། །ང་ལྷག་སྐྱེས་བུ་དེ་འདྲ་བཤེས་སུ་འོས། །མདོ་ལས། འཇིག་རྟེན་ནག་པོ་འབྱུང་བའི་ཕྱིར། ། [578B] །ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། །ཁ་ནི་སྡིག་པའི་སྒོ་ཡིན་ནོ། །ཞེས་དང། ཇོ་བོས་ཀྱང། མང་པོའི་ནང་ན་ངག་ལ་བརྟག་གཅིག་པུར་འདུག་ཚེ་སེམས་ལ་བརྟག་ཅེས་དང། ས་པཎ་ཀྱིས་ཀྱང། སྨྲ་མང་ ཉེས་པ་འཛིན་པའི་གཞི་ཞེས་གསུངས་ལྟར། ཅ་ཅོའི་འཁྱལ་ཚིག་མ་མང་འབྲོམ་གྱིས། ངེས་པར་ཀུན་ལ་གསང་བར་འོས་པ་རྣམས། །ལྐུགས་པའི་ཚུལ་གྱིས་ཁ་རོགས་དབེན་པར་བཞུགས། །ཅེས་དང། སྙིང་གཏམ་བུ་ལ་གསང་དང་བརྟན་ པ་ཡིན། །ཞེས་པ་ལྟར། གསང་སྒོ་སྡོམ། །ཆ་ལུགས་སྤྱི་མཐུན་རྙེད་སླར་ལོངས་སུ་སྤྱད། །ཇ་ཆང་བུད་མེད་རྗེ་ངག་དབང་གྲགས་པ་གཞན་ལ་ཕན་པའི་སྡེས། ཟླ་བོ་གཞན་ལ་དགའ་བའི་བློ་སྐྱེས་ན། །རང་གི་སྐྱེས་པའང་གསོད་ པར་ཐེ་ཚོམ་མེད། །མི་མོ་གཅིག་གིས་བཅུ་གསུམ་བཀུམ་ཞེས་ཐོས། །དེ་འདྲ་བ་ལ་སུ་ཞིག་ཡིད་བརྟན་བྱེད། །ཅེས་གསུངས་ལྟར། ལ་ཡང་སྲེད་མ་ཐལ། །ལེགས་བཤད་ལས། མི་གང་བརྗོད་བྱ་མ་ཡིན་པ། །གཞན་གྱི་དྲུང་དུ་བརྗོད་པ་ དེ། །བདེན་ནམ་འོན་ཏེ་བརྫུན་ཀྱང་རུང། །མཁས་པས་དེ་ལ་བག་ཟོན་བྱེད། །ཅེས་པ་ལྟར། །ཉ་མངའི་ངག་ལ་མི་ཉན་དོན་པོ་ཆེ། །ཏ་ཐཱ་ག་ཏའི་བཀའ་དང་བསྟན་བཅོས་དང། །ཤེས་རབ་བརྒྱ་པ། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ ཐིག་སོགས་ལུགས་ཀྱི་བསྟན་བཅོས་ཐ་ན་མུ་སྟེགས་གཞུང་ལའང་དཔྱོད་ཐུབ་ཚེ། །ད་གཟོད་འཕྲལ་ཕུགས་དགོས་ངེས་མང་དུ་མཆིས། །སློབ་དཔོན་ལ་ཆོག་གྲེན་གྱིས། རིག་པ་གཞོན་པའི་དུས་སུ་སློབ། །པ་ནི་དགུན་གྱི་དུས་ [579A]༄༅། །སུ་གསོས། །ཞིང་ནི་སེར་དང་ལྡན་ལ་རྨོས། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་གསུངས་ལྟར། ན་ཚོད་གཞོན་དུས་ཉེར་མཁོ་འདི་རང་གཙོ། །པ་སངས་ལྟར་དཀར་ཀུན་སློང་རྟག་ཏུ་འཆོང། །ཕ་ མ་ལ་གནོད་པ་སྐྱེལ་ན་ཉེས་དམིགས་ཤིན་ཏུ་ཆེ་བ་མཛའ་བོའི་བུ་མོའི་ལོ་རྒྱུས་ལྟར་བླ་མ་སློབ་དཔོན་བཀུར་བར་མི་ལས་མར་པ་བསྟེན་པ་ལྟར་ངལ་མ་གསོ། །བ་གླང་རྟ་ཕྱུགས་སྐྱོང་དང་ཞིང་ལས་སོགས། །མ་ལུས་ལས་ཀུན་ ཕྱི་བཤོལ་མི་འདེབས་གནད། །ཙ་ན་ཡིན་ཀྱང་རང་རྒྱུད་མི་འགྱུར་བར། །ཚ་བའི་ནད་ཀྱིས་འཐེབས་བཞིན་མདོ་ལས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་གསུངས་ལྟར་ བག་ཡོད་བརྟེན། །ཛ་གད་དབང་དུ་ཤོར་ན་ཕུང་གྲོལ་ཀུན་གྱི་རྩ་བ་ཆང་ནག་པོ་ཞེས་དང། ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་ བཞིན་དེ་མི་བཏུང། །ཞེས་གསུངས་ལྟར། ཡ་རབས་ཀྱང། །ཝ་སྤྱང་ལྟ་བུ་སྨད་པའི་གནས་སུ་འགྱུར། །ཞྭ་ལྟར་ལས་ཀྱིས་བསྐོས་པའི་རྗེ་དཔོན་དག་ཟ་བྱེད་སྟག་ལྟར་རྔམས་ཤིང་རྩུབ་ན་ཡང། །འ་ཅག་གུས་ པས་ཞབས་ཕྱི་བྱེད་ནུས་ན། །ལེགས་བཤད་ལས། ཡུལ་གྱི་བདག་པོ་ཞེ་སྡང་ནའང། །དེ་ལ་དགའ་བས་བསྙེན་ཏེ་བསྡད། །ས་ལ་རྐང་པ་འགྲེད་གྱུར་ནས། །ས་ཉིད་ལ་ནི་བརྟེན་པ་བཞིན། །ཡ་ཡོ་མེད་པའི་རྒྱུ་ལས་དེ་འབྲས་ལེགས་བཤད་ [580B] བདག་ཉིད་ཆེལ་ཕན་བཏགས་ན། །ཅུང་ཟད་ཙམ་ལའང་འབྲས་བུ་འབྱིན། །སྐྱུ་རུ་ར་གཅིག་སྦྱིན་པ་ལས། །ཆོས་རྒྱལ་བུ་དང་མཉམ་ལ་ལྟོས། །ཞེས་པ་ལྟར་འབྱུང། །ར་ལུག་ཕྱུགས་འདྲའི་སྐྱེ་བོ་དམན་པ་དང། །ལ་ལ་ མཆོག་གམ་འབྲིང་པོ་ཅི་རིགས་ལ་འང། །རྔ་སྒྲའི་ཚིགས་བཅད་ལས། བློ་ལྡན་གཡོ་སྒྱུ་ཅན་དུ་མི་འགྱུར་ཏེ། །རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར། །ཕོངས་པའི་གནས་ན་མྱ་ངན་མི་བྱེད་པ། །གཞན་གྱི་གནད་ལ་འབེབས་པར་བྱེད་རེ་ སྐན། །ཧ་ཅང་ཐལ་དང་ཧ་ཅང་ཞུམ་པ་ཡི། །དམན་པའི་མི་རྣམས་ལ་ཡང་མ་ཡིན་ཏེ། །བར་མའི་གནས་ལ་བརྟེན་པར་བྱེད་པ་དག་དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཡིན། །ཞེས་པ་ལྟར། ཤ་ཚའི་བསམ་པ་སྔོན་བཏང་འགྲོགས་ཤེས་ ན། །ཕ་ཡིས་བུ་ལ་ཇི་ལྟ་བར། །ཁྱོད་ཀྱིས་འཁོར་ལ་བྱམས་བགྱིས་ན། །བུ་ཡིས་ཕ་ལ་ཇི་ལྟ་བར། །ཁྱེད་ལ་ཞབས་འབྲིང་དགའ་བར་བགྱིད། །ཅེས་དང། གནས་གང་དུ་བསྡད་ཀྱང་གཞལ་ཡས་ཁང། །གྲོགས་སུ་དང་འགྲོགས་ཀྱང་ཡི་དམ་ ལྷ། །ཞེས་པ་ལྟར། གནས་གང་དུ་བསྡད་ཀྱང་རང་གི་ཡུལ། །གྲོགས་སུ་དང་འགྲོགས་ཀྱང་གཉེན་དང་བཤེས། །ཞེས་བྱ་བར་འགྱུར་བས། །ས་སྟེང་གཉེན་གྱིས་མི་ཕོངས་མན་ངག་ཡིན། །ཧྭ་ཤང་གིས་མཚོན་ལམ་ཞུགས་ དྲང་སྲོང་ལ། །ཨཱརྱ་དེ་བས། དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་ [581A]༄༅། །གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་བརྒྱད་དག་ནི། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག་ཅེས་གསུངས་ལྟར་ཕན་ཡོན་ཆེ་བས་ཨ་མྲ་ ལ་སོགས་འཚོ་རྐྱེན་གང་འོས་ཕུལ། །རང་བཞིན་ངན་པའི་མི་རྣམས་ཕྱོགས་ལྷུང་གིས། །ཞ་དང་ཕྱེ་བོར་གྱུར་པའི་གླེན་པ་རྣམས་ལ་དགོས་པ་མེད་ཀྱང། །སྐྱེས་སྦྱངས་སྟོབས་རྩལ་ལམ་དུ་སོང་བ་ཡི། ། གཟུར་གནས་མཛེས་སྡུག་གཟུགས་ཅན་མཁས་པའི་རྒྱན་དུ་མཁོ། །གྲོགས་ཁྱོད་མཁས་གྲུབ་ཕལ་གསུམ་གང་བྱེད་ཀྱང། །ཡིད་ཀྱི་དཔལ་བེའུ་རྒྱན་དུ་བཅངས་པར་མཛོད། །དགེ་བས་བདག་གཞན་ བླ་མ་དཀོན་མཆོག་ཉིད། །སྐྱབས་སུ་བཟུང་ལ་དེ་ཡིས་རྗེས་འཛིན་ཤོག་ཅེས་ཟེར་ནས་བུང་བ་དེ་མེ་ཏོག་དེ་ཉིད་ལ་ཞུགས། མི་དེས་བདེ་བ་དཔག་མེད་ཐོབ་ཟེར་ལོ། །ལེགས་བཤད་གཏམ་ཀྱིས་མཁས་གྲུབ་ཕལ་ གསུམ་ཀུན། །དོན་བཟང་ལ་སྦྱོར་སྟག་ཆུང་བུང་བ་འདི། །བླ་མའི་སྤྲུལ་བ་ཉིད་ལས་གཞན་དུ་ཅི། །དེ་ཕྱིར་གདམས་དོན་སྙིང་བུམ་བཅུད་དུ་བསྟེན། །ཞེས་ཀྱང་སྨྲས་སོ། ། [000]